དུས་རབས་ཉེར་གཅིག་སྐྱེད་ཚལ་ལྡུམ་རར་ཞི་བདེའི་མེ་ཏོག་འབྲས་བུ་འབུས།།
བསིལ་ལྡན་ལྗོངས་ཀྱི་ཞི་བའི་ཁམས་སུ་དྲག་གནོན་དུག་གིས་མི་ཆེ་འབར།
གཡོ་སྒྱུའི་ལས་ལ་ཤིན་ཏུ་་བྱང་བའི་བརྩེ་བྲལ་ཀླ་ཀློ་སྤྱང་ཀི་ཡིས།།
དཔའ་བོའི་ཆེ་སྲོག་རྒྱ་ཕྲག་གཏོར་ཏེ་སྟོང་ཚོ་མུན་པའི་བཙོན་དུ་བརྫངས།།
གངས་ཅན་སྣོད་བཅུད་བདདུ་སྡེས་བཅོམ་སྟེ་རྣག་ཁྲག་འཁོལ་བའི་རྦ་རླབས་འཕྱུར།།
གཅེས་པའི་ཚེ་སྲོག་གཏའ་མར་བཞག་སྟེ་ས་ཡ་དྲུག་གི་བདེ་སྡུག་བསྒྲགས།།
སྲིན་འབུའི་ཚོགས་ཀྱིས་ཡ་ང་བྲལ་བའི་དབྱུག་དང་མེ་མདའི་དྲག་ཆར་གྱིས།།
ཕ་རུས་དཀར་པོ་སཉིང་ལ་བཅངས་པའི་གངས་ཅན་དཔའ་བོའི་ཚེ་སྲོག་བཀུམས།།
རང་གི་རུས་ལ་དུངས་ཞེན་དམ་པའི་གངས་ཅན་སོན་རྩ་ཕོ་མོ་ཡིས།།
དམིགས་ཡུལ་གཅིག་ལག་གདངས་སྦྲེལ་ཏེ་མི་རིགས་འདི་ཡི་བདེ་སྡུག་ཆེད།།
རང་བཙན་ཐོ་རངས་རྔ་ཆེན་བསྒྲགས་པས་གཤིན་རྗེའི་ཕོ་ཉས་གདུག་རྩུབ་ཀྱིས།།
རྡུང་རྡེག་དྲག་པོས་ལྟེ་ཁྲག་གཏོར་ཏེ་རྒྱལ་གཅེས་དཔའ་བོའི་སྙིང་རྩ་འཕྲོག།།
རིགས་ཞེན་སྙིང་སྟོབས་དམ་ཚིག་རྡོ་རྗེ་དགུ་རླུང་ནག་པོའི་དཀྱིལ་ནས་འབར།།
གཞིས་བཞུགས་སྤུན་ཟླའི་ཡིད་ལ་བརྣག་པའི་རང་བཙན་མེ་ལྕེ་འགོག་མེད་ཤར།།
ལྷ་མེད་དྲང་བདེན་གཏན་ཚིག་མདའ་མོར་གཡོ་ཅན་རྒྱ་དམར་ངོ་གནོང་སྟེ།།
དབང་ཤུགས་དྲག་པོས་བཙན་གྱི་བལྐུལ་ཏེ་ཆོལ་གསུམ་སྐྱེ་རྒྱ་ཁྲག་ཏུ་བརྫིས།།
No comments:
Post a Comment