བླ་ན་མེད་པའི་རྒྱལ་པོ་འུ་དུམ་བཙན་པོ་མཆོག
ལོ་རྒྱུས་ཀྱག་ཀྱོག་གི་བར་ནས།
ཁྱེད་ལ་དྲི་རྟགས་ཤིག་བཀོད་སོང་།
སྔོན་ཐོན་བཙན་པོ་འདི་ཡིིན་ཟེར།
བསྟན་པའི་དགྲ་བོ་ཡིན་ཡང་ཟེར།
ཤོད་རྒྱུན་སྤྲིན་ནག་དེ་ཡལ་རྗེས།
བདེན་པའི་འོད་ཟེར་ཞིག་འཁྲུངས་ངེས།
དུས་རབས་མང་པོ་ཡི་ཚོད་བགམ།
དེ་ནས་བདེན་རྫུན་མཐའ་ཞིག་གསལ།
ཨོ་་་་་ང་ཡི་བཙན་པོ་གླང་དར་མ།
སྔོན་ཐོན་བསམ་བློ་ཡི་སྣེ་འཁྲིད།
བསྒྱུར་བཅོས་དོན་གཉེར་གྱི་དེད་དཔོན།
གངས་ཅན་གདོང་དམར་གྱི་མེས་པོ།
བླ་ན་མེད་པ་ཡིན་བཙན་པོ།
ཡང་ན་ལོ་གསུམ་གི་སྔས་སོང་།
ཡང་ན་ལོ་གསུམ་གྱི་ཕྱིས་སོང་།
ཞྭ་ནག་མདའ་མོ་དེའི་འོག་ནས།
ཁ་བའི་ལས་དབང་ཡང་འགྱུར་སོང་།
ཨོ་་་་་ང་ཡི་བཙན་པོ་གླང་དར་མ།
ཨོ་་་་་ང་ཡི་བཙན་པོ་་་ཡ་ང་བའི་བཙན་པོ།
No comments:
Post a Comment